NAVIGATION MENU 主選單

རྒྱབ་ལྗོངས་གླེང་བ།

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་དབུས། རིས་མེད་ཆོས་བརྒྱུད་རྣམས་ཀྱི་བླ་སྤྲུལ་རྒན་བགྲེས་རྣམ་པས་ ལམ་སྟོན་དང་ཐུགས་རེ་གནང་བ་བརྟེན་ནས།བོད་ཀྱི་དགོན་པར་ཆོས་འབྲེལ་འབྲེལ་མཐུད་སྲི་ཞུ་ཁང་ཞེས་པ་ཞིག་གཤམ་གསལ་ལས་དོན་རྣམས་བསྒྲུབ་པའི་ཆེད་དུ་གསར་འཛུགས་ཞུས་པ་ཡིན།

  • རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་དགོན་པ་དང་བཙུན་དགོན་ཆེ་ཁག་རྣམས་དང་འཛམ་གླིང་གང་སར་ཡོད་པའི་དད་ལྡན་རྗེས་འཇུག་པ་ཚོའི་བར་དྲ་རྒྱའི་ཐོག་འབྲེལ་ལམ་ཡོང་བར་ཞབས་ཞུ་བསྒྲུབ་རྒྱུ་དང་། བོད་ཀྱི་གནའ་བོའི་སྲོལ་རྒྱུན་ཤེས་རིག་དང་རིག་གཞུང་།ཡུལ་སྲོལ་སྒྱུ་རྩལ་བཅས་ལ་ཐུགས་སྣང་གནང་མཁན་ཚོའི་བར་འབྲེལ་ལམ་བཟོ་རྒྱུ།
  • དགོན་པ་དང་བཙུན་དགོན་ཁག་ནང་ཡོད་པའི་ཤེས་ཡོན་དང་ལེགས་སྦྱངས་ཉམས་ཞིབ་ལ་མཁོ་བའི་ཡིག་ཆ་རྣམས་བདག་གཉེར་བྱ་ཐབས་ཡར་རྒྱས་གཏོང་རྒྱུ་དང་། འབྲེལ་ཡོད་ཆོས་སྡེ་ཁག་གི་ནང་དང་།དེའི་ཉེ་འཁོར་དུ་ཡོད་པའི་མི་མང་གི་སྤྱི་ཚོགས་ནང་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་སྤེལ་རྒྱུ།

འདི་ལོའི་ཕྱི་ལོ་༢༠༢༠ཟླ་བ་༦བར་དགོན་པ་སྲི་ཞུ་ཚོགས་པས།

  • རྒྱ་གར་དང་བལ་ཡུལ་དུ་རྟེན་གཞི་བྱེད་པའི་གྲྭ་བཙུན་དགོན་སྡེ་ཁག་ལ་སྦྱིན་བདག་དང་ཞལ་འདེབས་ཀྱི་ཚུལ་དུ་ཨ་སྒོར་༢༠༠,༠༠༠ལྷག་སྡུ་རུབ་གནང་སྟེ་ཕུལ་་ཟིན།
  • འབྲེལ་ཡོད་གྲྭ་བཙུན་གྱི་དགོན་སྡེ་དང་རྒྱལ་སྤྱིའི་ཆོས་ཚོགས་བཅས་ནས་གསུང་ཆོས་དང་གཞན་མཛད་སྒོ་སོགས་མི་འདྲ་བ་༡༧༢ལྷག་དྲྭ་ཚིག་རྒྱང་སྲིང་གནང་ཟིན།
  • དགོན་པ་སྲི་ཞུ་ཚོགས་པའི་དྲྭ་རྒྱའི་རྒྱུད་ནས་འདོན་ཆོག་གམ་ཞབས་བརྟན་༧༠༠༠ལྷག་འདམ་ག་ཡོད་པ་ནས་ད་བར་དད་ལྡན་སེར་སྐྱ་རྣམས་ལ་འགྲེལ་ཡོད་གྲྭ་བཙུན་གྱི་དགོན་སྡེ་ཁག་ཏུ་ཆོ་ག་དང་ཞབས་བརྟན་ ༦༠༠མ་ཟིན་ཙམ་གོ་སྒྲིག་ཞུས་ཡོད།

འབྲེལ་ཡོད་དགོན་ཁག་དང་མཉམ་ལས་ཞུ་རྒྱུའི་དམིགས་ཡུལ་གཙོ་བོ་ནི།བླ་སྤྲུལ་སྐུ་བགྲེས་ཚོའི་ཐུགས་རེ་བསྒྲུབ་པའི་ཆེད་དང་། དྲ་རྒྱའི་འབྲེལ་ལམ་བརྒྱུད་བླ་སྤྲུལ་ཁག དགོན་སྡེ་ཁགབཙུན་དགོན་ཁག་དང་དད་ལྡན་མི་མང་ཚོའི་བར་གྱི་སྲོལ་རྒྱུན་གྱི་འབྲེལ་བ་སྔར་བཞིན་མ་ཉམས་གོང་འཕེལ་ཡོང་རྒྱུར་མཐུན་རྐྱེན་སྣ་ཚོགས་ཞུ་རྒྱུ།

བོད་ཀྱི་དགོན་པར་སྲི་ཞུའི་ལྷན་ཚོགས་སློབ་སྟོན་པ་རྣམས་ཀྱི་མཚན་དང་། ད་ལྟ་མཉམ་ལས་ཕྱག་རོགས་ཞུ་བཞིན་ པའི་དགོན་སྡེ་ཁག་དང་བཙུན་དགོན་ཁག་གི་མཚན་ཐོ། དེ་བཞིན་བླ་སྤྲུལ་སྐུ་བགྲེས་པ་ཁག་ནས་སྩལ་བའི་གསུང་འཕྲིན་རྣམས།(འདིར་མཛུབ་མནོན་གནང་ན་བོད་ཀྱི་དགོན་པར་སྲི་ཞུའི་ལྷན་ཚོགས་སློབ་སྟོན་པ་རྣམས་དང་ཁོང་རྣམ་པའི་མཚན་གཞུང་དང་གསུང་འཕྲིན་གསན་གཟིགས་ཐུབ།)

འདི་ག་དགོན་པར་སྲི་ཞུ་ཚོགས་པའི་དྲ་རྒྱའི་ཐོག་སྲི་ཞུ་སྒྲུབ་བཞིན་པ་གཤམ་གསལ།

  • ལོ་འཁོར་མར་བླ་སྤྲུལ་ཆེ་བ་རྣམ་པ་དང་མཁན་བླ་སྐུ་བགྲེས་ཚོའི་གསུང་ཆོས་རྣམས་སྤུས་ཚད་ལེགས་པའི་དྲ་རྒྱའི་བརྙན་འཕྲིན་ཐོག་ཐད་གཏོང་ཞུ་བ།
  • དྲ་རྒྱའི་ཐོག་ནས་ཞབས་རིམ་སྣ་ཚོགས་མཐུན་འགྱུར་གོ་སྒྲིག་ཞུ་རྒྱུ།
  • དྲ་རྒྱའི་ཐོག་ནས་འབྲེལ་ཡོད་ཆོས་སྡེ་ཁག་ལ་གླ་མེད་འབུལ་གཏོང་ཞུ་རྒྱུ།

དགོན་པར་སྲི་ཞུ་ཚོགས་པས་དྲ་རྒྱའི་ཐོག་ནས་དད་ལྡན་པ་ཐུགས་སྣང་ཡོད་མཁན་རྣམས་ཀྱི་ཆེད་དུ་གསུང་ཆོས་དང་། དབང་ལུང་མན་ངག་སོགས་ཞུ་ཐུབ། དེ་མཚུངས་དགོན་པ་དང་བཙུན་དགོན་ཁག་ནས་སྨོན་ལམ་གསུང་རྒྱུ་དང་། ཞབས་རིམ་ཁག་བཀའ་མངགས་ཞུ་ཐུབ། དུས་བཟང་དང་དཀའ་ངལ་འཕྲད་པའི་སྐབས་ལ། སོ་སོའི་འདོད་མོས་ལྟར་དགོན་སྡེར་མཆོད་སྦྱིན་ཞལ་འདེབས་ཚོགས་བསགས་དགེ་སྦྱོར་བྱེད་རྒྱུའི་མཐུན་རྐྱེན་འདི་གའི་དྲ་རྒྱའི་བརྒྱུད་སོ་སོའི་ས་གནས་ཀྱི་ཡུལ་དགོན་དང་བཙུན་དགོན་སོགས་ལ་འབུལ་བ་ནང་བཞིན་མཐུན་སྦྱོར་སྒྲུབ་བཞིན་ཡོད། དགོན་སྡེ་ཁག་དང་།དགོན་པར་སྲི་ཞུ་ཚོགས་པ་འདིའི་ད་བར་ལ་མཉམ་ལས་འགོ་བཙུགས་ནས་དུས་ཡུན་རིང་པོ་མ་སོང་ཡང་།འཛམ་གླིང་ས་གནས་གང་སར་གནས་པའི་དད་ལྡན་རྗེས་འཇུག་པ་རྣམས་ནས་དྲ་རྒྱའི་ཐོག་བླ་ཆེན་ཁག་གི་གསུང་ཆོས་ཞུ་རྒྱུ་ཡོད་པ་དང་། ཞབས་རིམ་བཀའ་མངགས་གནང་ཐུབ་པའི་མཐུན་རྐྱེན་དེར་དགའ་མོས་ཞུ་བཞིན་ཡོད། དེ་བཞིན་དད་ལྡན་རྗེས་འཇུག་པ་རྣམས་ཀྱིས་རེ་སྨོན་ལྟར་དྲ་རྒྱའི་ཐོག་ཆོས་འབྲེལ་ཞུ་བའི་སྐབས་དང་། གཞན་ཡང་དུས་ཚིགས་ཁྱད་པར་ཅན་དང་སྟབས་བསྟུན་མཆོད་འབུལ་ཞལ་འདེབས་ཀྱི་མཐུན་རྐྱེན་དངུལ་ཁང་དང་། དངུལ་གཏོང་ཞབས་ཞུ་ཁང་གཞན་པ་བརྒྱུད་མི་དགོས་པར་སྟབས་བདེ་དང་རིན་མེད་ཐོག་ནས་གནང་ཐུབ་པར་དགའ་བསུ་ཆེན་པོ་ཞུ་བཞིན་ཡོད།

གལ་ཆེ་བ་ཞིག་ལ་ངོ་དེབ་ལྟ་བུ་སོགས་ཁྱབ་སྤེལ་ཆེ་བའི་དྲ་རྒྱ་གཞན་དང་མི་འདྲ་བར་དགོན་པར་སྲི་ཞུ་ཚོགས་པས་དྲ་རྒྱའི་ཐོག་ཁེ་ཚོང་གཉིས་འབྲེལ་གྱི་ཁྱབ་བསྒྲགས་རྩ་བ་ནས་བྱེད་ཀྱི་མེད། འདི་གའི་དྲ་རྒྱའི་ཆོས་དང་མཐུན་པའི་འཁོར་ཡུག་ལ་དམིགས་ནས་གསུང་ཆོས་དང་བཀའ་དབང་གཞན་ཡང་དགོན་སྡེ་དང་བཙུན་དགོན་གཉིས་ཀྱི་དུས་ཆེན་ཁག་གི་མཛད་སྒོ་ཐད་གཏོང་བྱ་རྒྱུ་རང་ཡིན། དགོན་པར་སྲི་ཞུ་ཚོགས་པའི་དྲ་རྒྱ་འདི་དང་འབྲེལ་ཡོད་དད་ལྡན་རྗེས་འཇུག་པའི་སྒེར་གྱི་ལོ་རྒྱུས་རྣམས་ཕྱི་ལ་མི་ཤོར་བའི་འགན་ལེན་ཞུ་བཞིན་ཡོད།

ཚོགས་པའི་འགྲོ་གྲོན་དང་མ་འོངས་འཆར་བཀོད།

ཚོགས་པ་འགོ་འཛུགས་ཀྱི་འགྲོ་གྲོན་མ་དངུལ་ཐོག་མར་དཔལ་ལྡན་སྐུ་སྒེར་ཡིག་ཚང་གཙོའི་དབྱིན་ཡུལ་གྱི་ཁེ་གཉེར་མིན་པའི་ཤར་ཕྱོགས་དགེ་རྩ་སྒྱུ་རྩལ་དང་སྲོལ་རྒྱུན་ཐེབས་རྩ་ནས་གསོལ་རས་སྩལ་གནང་། དེ་བཞིན་ཚོགས་པ་འདི་གའི་ཚོགས་མི་ཁག་གཅིག་ནས་ཀྱང་མ་དངུལ་གྱི་ཞལ་འདེབས་གནང་ཡོད་པ་རེད། ཕྱི་ལོ་༡༩༩༠མགོ་སྟོད་ནས་བཟུང་དབྱིན་ཡུལ་གྱི་ཤར་ཕྱོགས་དགེ་རྩ་སྒྱུ་རྩལ་དང་། སྲོལ་རྒྱུན་ཞེས་པའི་ཐེབས་རྩས་ཆོས་བརྒྱུད་ཆེན་པོ་རྣམས་དང་གཡུང་དྲུང་བོན་བཅས་བླ་སྤྲུལ་སྐུ་བགྲེས་པ་ཁག་གཅིག་དང་མཉམ་ལས་ཀྱིས་བོད་ཀྱི་གནའ་བོའི་ཤེས་བྱའི་གཏེར་མཛོད་ཞེས་པ་གློག་འཕྲིན་འཕྲུལ་ལས་ཀྱི་དཔྱད་ཞིབ་ལ་ཕན་པའི་གསུང་སྒྲ་འཇུག་བསྡུ་རུབ་བྱས་ཡོད། འདི་ནི་འཛམ་གླིང་ནང་སྒྲ་མཛོད་ཆེ་ཤོས་སུ་ངོས་འཛིན་གྱི་ཡོད་པ་རེད། སྒྲ་མཛོད་འདིའི་ནང་ཚོུད་༢༠༥༠༠ ཡུན་གྱི་ཕྱི་ལོ་ ༡༩༥༩ སྔོན་གྱི་བོད་ནང་ཤེས་ཡོན་སློབ་པ་མཐར་སོན་པའི་མཁས་དབང་གྲགས་ཅན་ཚོའི་རྒྱ་གར་དང་བོད་ཀྱི་གནའ་བོའི་གསུང་རབ་ཐོག་ལ་འཆད་འཁྲིད་གནང་བ་དེ་དག་སྒྲ་འཇུག་བྱས་ཡོད། སྒྲ་མཛོད་འདི།www.Tibetan-Knowledge.org ཞེས་པའི་དྲ་རྒྱའི་ཐོག་གཟིགས་ཐུབ།སྒྲ་འཇུག་མཛོད་ཆེན་འདིའི་འདྲ་བཤུས་རེ་རེ་རིས་མེད་ཆོས་ལུགས་ཁག་གི་འགན་འཛིན་རྣམ་པར་ཕུལ་ཡོད་པས་དེ་དག་དགོན་སྡེ་ཁག་དང་། བཙུན་དགོན་ཁག་གི་དཔེ་མཛོད་ནང་བཞག་ཡོད།

མ་འོངས་བར་དགོན་པར་སྲི་ཞུ་ཚོགས་པའི་ལས་འཆར་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེའི་འཕྲིན་ལས་འོག་ལས་འཆར་གསར་པ་ཞིག་འགོ་འཛུགས་གནང་རྒྱུར་རྒྱབ་སྐྱོར་ཞུ་རྒྱུའི་རེ་བ་ཡོད། ལས་འགུལ་འདི་ནི་རྒྱལ་སྤྱིའི་བོད་ཀྱི་འཕྲུལ་ཆས་ཡིག་མཛོད་ཀྱི་དཔེ་མཛོད་ཁང་ཞིག་གསར་འཛུགས་གནང་རྒྱུ་དེ་ཡིན། ྋདཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། ྋསྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་རྣམ་གཉིས་དོ་དམ་པའི་ཁོངས་སུ་ལམ་སྟོན་གནང་མཁན་གཙོ་བོ་ཞིག་ཡིན།

དཔེ་མཛོད་འདིའི་དམིགས་ཡུལ་ནི་འཛམ་གླིང་ས་གནས་གང་སར་ཁ་འཐོར་ཡོད་པའི་འཕྲུལ་ཆས་ཡིག་མཛོད་ཉིས་བརྒྱ་བཞི་བཅུའི་ནང་ཡོད་པའི་བོད་ཀྱི་རིག་གཞུང་སྐོར་གྱི་རྩོམ་ཡིག་རྣམས་ས་གནས་གཅིག་ཏུ་བསྡུ་རུབ་ཀྱིས་དཔྱད་ཞིབ་གནང་མཁན་ཚོར་སྟབས་བདེའི་མཐུན་རྐྱེན་ཡོང་ཐབས་ལ་འབད་བརྩོན་བྱ་རྒྱུ་དེ་ཡིན།

དགོན་པར་སྲི་ཞུ་ཚོགས་པའི་མ་འོངས་ལས་འཆར་གལ་ཆེ་བ་གཞན་ཞིག་ནི་ཚོགས་པ་འདི་ནང་མཉམ་ལས་གནང་བཞིན་ཡོད་པའི་དགོན་སྡེ་དང་བཙུན་དགོན་ཁག་གི་ཆོས་འབྲེལ་དང་དམིགས་བསལ་ཆོས་ཕྱོགས་ཀྱི་མཛད་སྒོའི་བརྙན་པར་རྣམས་རྒྱལ་སྤྱིའི་བོད་ཀྱི་འཕྲུལ་ཆས་ཡིག་མཛོད་དཔེ་མཛོད་ནང་མི་ཉམས་ཉར་ཚགས་ཀྱིས་མ་འོངས་པའི་མི་རབས་རྣམས་པས་ཐོས་བསམ་སློབ་གཉེར་ལ་ཕན་ཐོག་བསྐྲུན་རྒྱུ་དེ་ཡིན། དགོན་པར་སྲི་ཞུ་ཚོགས་པ་འདི་དུས་ཡུན་གང་མཚམས་ནས་ཉིན་རེའི་འགྲོ་གྲོན་གྱི་དངུལ་གྱི་ཡོང་བབས་འདང་ངེས་འབྱུང་མཚམས་རྒྱལ་སྤྱིའི་བོད་ཀྱི་འཕྲུལ་ཆས་ཡིག་མཛོད་དཔེ་མཛོད་ཀྱི་ཆེད་དུ་མ་དངུལ་ཟུར་འཇོག་བྱ་རྒྱུའི་འཆར་གཞི་ཡོད།

དགོན་པར་སྲི་ཞུ་ཚོགས་པ་འདི་དང་མཉམ་ལས་གནང་བཞིན་པའི་དགོན་སྡེ་དང་། བཙུན་དགོན་ཁག དེ་བཞིན་བོད་ཀྱི་དགོན་པར་ཆོས་འབྲེལ་འབྲེལ་མཐུད་སྲི་ཞུ་ཁང་འདིའི་ཡིག་ཚང་དེ་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ལ་ཡོད། ཚོགས་པའི་དྲ་རྒྱའི་ལས་གཞི་ཡན་ལག་གཅིག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་ལ་ཡོད། ལས་གཞི་ཡན་ལག་གཅིག་བལ་ཡུལ་རྒྱལ་ས་ཀ་ཏ་མན་ཏུ་ལ་ཡོད།

རྒྱ་གར་ནང་ཚོགས་པའི་དྲ་རྒྱའི་ཞབས་ཞུ་མཉམ་ལས་ཞུ་མཁན་དགོན་སྡེ་དང་བཙུན་དགོན་ནི། ཌེ་ར་དུན་དང་། སྦེལ་ཀོབ། ཧུན་སུར། མོན་གྷོ། ཧི་མ་ཅལ། ཨོ་རི་ས། ནུབ་བྷང་གྷལ། འབྲས་ལྗོངས། ལ་དྭགས་བཅས་ཀྱི་ནང་ཡོད་པ་དེ་ཚོ་ནས་བསྒྲུབ་ཐུབ་ཀྱི་ཡོད། བལ་ཡུལ་ནང་རྒྱལ་ས་ཀ་ཏ་མན་ཏུ་དང་། སྟག་མོ་ལུས་སྦྱིན་སོགས་སུ་ཡོད་པའི་དགོན་སྡེ་དང་བཙུན་དགོན་ནས་སྒྲུབ་ཀྱི་ཡོད། མཉམ་ལས་ཞུ་མཁན་དགོན་སྡེ་དང་བཙུན་དགོན་གསར་པ་རྒྱ་གར་དང་བལ་ཡུལ་ནས་མུ་མཐུད་ཐོ་འགོད་ཞུ་བཞིན་ཡོད།

ང་ཚོར་འབྲེལ་བ་གནང་སའི་ཁ་བྱང་གཤམ་ལ་ཡོད།

ང་ཚོའི་ངོ་དེབ་ཀྱི་ཁ་བྱང་། www.facebook.com/gompatms/
གློག་འཕྲིན་ཁ་བྱང་། :

ཁ་པར་ཨང་གྲངས། (རྒྱ་གར།) +91 7018043872 (སྐད་ཡིག : དབྱིན་སྐད་དང་བོད་སྐད།)
ཁ་པར་ཨང་གྲངས། (རྒྱ་གར།) +91 7060757495 (སྐད་ཡིག : བོད་སྐད་དང་རྒྱ་སྐད།)

Skype:
dhundup.gompa (དབྱིན་སྐད་དང་བོད་སྐད། འབྲེལ་མཐུད།)
lhamo.gompa (བོད་སྐད་དང་རྒྱ་སྐད། འབྲེལ་མཐུད།)
tashi.gompa (དབྱིན་སྐད་དང་བོད་སྐད། འབྲེལ་མཐུད།)

ལས་ཁུངས་དུས་ཚོད། སྔ་དྲོ་ཆུ་ཚོད་ 10:00 AM ནས་དགོང་དྲོ་ 5:00 PM བར་ཡོད།
གོང་གསལ་ཆུ་ཚོད་དེ་དག་རྒྱ་གར་གྱི་དུས་ཚོད་གཞིར་བཟུང་ཡིན། (UTC+5:30 hours)
(གཟའ་ཉི་མ་དང་དུས་ཆེན་ཆེ་ཁག་མ་གཏོགས་ཉིན་ལྟར་ལས་ཁུངས་ཡོད)